Select Page

Jigme Namgyel Engineering College (Royal University of Bhutan) is organizing a National Conference on Engineering and Management from 06th – 07th November 2025.

Interested participants in the fields of Bhutanese Architecture, Astrology, Culture, Philosophy, Cosmology, Geology, and other relevant fields are invited to register using the following link and submit articles latest by 15th October 2025.
https://forms.gle/rqqYrdWnTfNdpSam7

The articles can be written and presented in Dzongkha, Choekey or English.

The presented articles will be published in “JNEC Thruel Rig Sar Toed” (February 2026 Issue).

There will be NO registration, presentation and publication fees associated with this conference.

Food and Lodge

The participants will be provided with free working lunch and refreshments, and accommodation will be provided in the College Guest House at nominal service charges.

Contact:

If there are queries or clarifications, please contact jurmeytshering.jnec@rub.edu.bt.

རྩོམ་ཡིག་འབོད་སྐུལ།
འཇིགས་མེད་རྣམ་རྒྱལ་བཟོ་རིག་མཐོ་རིམ་སློབ་གྲྭ་ (འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེ་) གིས་ སྤྱི་ལོ་༢༠༢༥ སྤྱི་ཟླ་ ༡༡ པའི་ སྤྱི་ཚེས་ ༠༦ ལས་ ༠༧ ཚུན་ བཟོ་རིག་འཛིན་སྐྱོང་ཤེས་བྱ་དང་
འབྲེལ་བའི་རྒྱལ་ཡོངས་གྲོས་འཛོམས་ཅིག་འགོ་འདྲེན་འཐབ་ནི།

འབྲུག་གི་བཟོ་བཀོད་རིག་པ་དང་ སྐར་རྩིས་རིག་པ་ ལམ་སྲོལ་ རིག་པ་དང་ ནང་དོན་རིག་པ་ འཇིག་རྟེན་རིག་པ་དང་ ས་ཁམས་རིག་པ་དང་འབྲེལ་བའི་ཤེས་ཡོན་ཅན་ཚུ་གིས་གཤམ་གསལ་གྱི་འབྲེལ་མཐུད་ལག་ལེན་འཐབ་སྟེ་ ཐོ་བཀོད་འབད་ཞིནམ་ལས་
སྤྱི་ལོ་༢༠༢༥ སྤྱི་ཟླ་༡༠ པའི་ཚེས་༡༥ གི་ནང་འཁོད་ རང་སོའི་ རྩོམ་ཡིག་ཚུ་ བཙུགས་གནང་།

https://forms.gle/rqqYrdWnTfNdpSam7

རྩོམ་ཡིག་ཚུ་ རྫོང་ཁ་དང་ ཆོས་སྐད་ ཡང་ན་ ཨིང་སྐད་ གང་རུང་གཅིག་ནང་བྲིས་ཏེ་ སྤྱན་ཞུ་འབད་ཚུགས།

སྤྱན་ཞུ་འབད་ཚར་བའི་རྩོམ་ཡིག་ཚུ་ འཕྲུལ་རིག་གསར་གཏོད་ (JNEC་ Thruel Rig Sar Toed) སྤྱི་ལོ་༢༠༢༦ ཟླ་༢ པའི་འཐོན་ཐེངས་ནང་ དཔར་བསྐྲུན་འབད་ནི་ཨིན།

གྲོས་འཛོམས་ནང་ཐོ་བཀོད་དང་ སྤྱན་ཞུ་འབད་ནི་ དུས་དེབ་ནང་རྩོམ་ཡིག་ དཔར་བསྐྲུན་འབད་ནིའི་འཐུས་ ག་ནི་ཡང་མི་ཕོག།

བཟའ་འཐུང་དང་ཞག་སྡོད།
བཅའ་མར་གཏོགས་མི་ཚུ་ལུ་ ཉིན་མའི་བཞེས་སྒོ་དང་ གསོལ་ཇ་བཞེས་རྩམ་ཚུ་ དྲང་ནི་ཨིནམ་ད་ སྡོད་གནས་ཚུ་ཡང་ མཐོ་རིམ་སློབ་གྲྭའི་མགྱོན་ཁྱིམ་ནང་ འཐུས་ཉུང་གི་ཐོག་ལས་ཞབས་ཏོག་ཕུལ་ནི་ཨིན།

འབྲེལ༌བ༌འཐབ༌ས:
གྲོས་བསྟུན་དང་ཁ་གསལ་རེ་འབད་དགོཔ་ཡོད་པ་ཅིན་འོག་གི་ གློག་འཕྲིན་ཁ་བྱང་ནང་འབྲེལ་བ་འཐབ་གནང་།
jurmeytshering.jnec@rub.edu.bt.